Wednesday, July 22, 2020

ཞུ་ཡིག།

༊   མཁྱེན་བཙེའི་བདག་ཉིད་ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་མཆོག་གི་དྲུང་དུ།

                                                            གུས་པས་   བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ སློབ་ཕྲུག་ངོ་མིང་ཕྱག་རྡོར་བསྟན་འཛིན་གྱི་ཞུ་དོན་དེ་ནི། བུཚ་རང་ཕམ་མཉམ་ཆུང་ ཅིག་ཨིནམ་ལས་ དུས་ཨ་རྟག་ར་ ངའི་ཕམ་གཉིས་ ངའི་ཤེས་རིག་ཡོན་ཏོན་ལྷབ་ནིའི་ཟད་འགྲོ་མ་ལངས་པར་དཀའ་ངལ་འབྱུངམ་ལས་ དུས་ཅིག་སློབ་དུས་ངལ་གསོའི་སྐབས་ གནས་སྐབས་ཀྱི་ལཱ་གཅིག་འབད་ནིའི་མནོ་བསམ་ཡོདཔ་ལས་ བུཚ་རང་ལོག་སྟེ་དཔེ་ཆ་ལྷབ་བར་འགྱོ་བའི་སྐབས་ཟད་འགྲོ་ཕམ་གཉིས་ལས་མ་ལེན་པར་ བུཚ་རང་གི་འབད་ཟད་འགྲོ་ཅིག་ལངམ་ཅིག་འཐོབ་སྟེ་འགྱོ་ནིའི་མནོ་བསམ་ཡོདཔ་ལས་སྟོན ་ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་མཆོག་ལུ་སྐྱིད་སྡུག་གཅིག་ཞུ་བར་ཨིན་ཟེར་ཞུ་ནི་ཨིན། འདི་འབདཝ་ལས་དྲུང་ཆེན་མཆོག་གིས་ ང་ལུ་སློབ་དུས་ངལ་གསོ་སྐབས་ གནས་སྐབས་ཀྱི་ལཱ་གཡོག་གཅིག་ གནང་སྟེ་བཀྲིན་བསྐྱང་ཐབས་ཡོད་པར་ཞུ་བ་ མཁྱེན་མཁྱེན། ཞེས་རང་ལུགས་གནམ་ལོ་ ༢༠༢༠ དབྱིན་ཟླཝ་ ༧ པའི་ཚེས་ ༡༠ ལུ་གོང་མིང་པས་

            
                                                                       གུས་བཅས་
                                                                              ཕུལ།

Thursday, July 2, 2020

གཏང་ཡིག།


                བྱམས་དང་བརྩེ་བའི་ཕམ་གཉིས་ལུ།

                                                  
                                                    ཞུ་གསོལ། དེ་ནི་ ད་རེས་ ཕམ་ཁྱེད་གཉིས་ཡང་མཆོག་གསུམ་གྱི་ ཐུགས་རྗེ་ལས་བརྟེན་ གཟུགས་ཁམས་བཟང་ཏོག་ཏོ་འབད་ཡོད་པའི་ རེ་བ་སྦོམ་ཡོད། འདི་ཁར་ དཀོན་མཆོག་གི་ཐུགས་རྗེ་དང་ ཁྱེད་ཕམ་གཉིས་ཀྱི་ཐུགས་སྨོན་ལས་ ང་ཡང་ལེགས་ཤོམ་འབད་ཡོད་ཟེར་ཞུ་ནི་ཨིན།

མཚམས་དོན་ནི་ ད་རེས་ ཁྱེད་ཕམ་གཉིས་ལུ་ ཡི་གུ་བསྐྱལ་དགོ་མི་འདི་ ང་བཅས་ཀྱི་སློབ་གྲྦ་ནང་ཞབས་ཁྲ་ཐོན་ནིའི་ལས་རིམ་ དབྱིན་ཟླ་ ༦་པའི་ཚེ་༡༠་ ལས་༡༢་ཚུན་ཡོདཔ་ཨིན། འདི་ནང་ལུ་ ང་ཡང་བཅའ་གཏོགས་ཏེ་ཡོད་ཟེར་ཞུ་ནི་ཨིན། དེ་ནང་ཁྱེད་ཕམ་གཉིས་ཀྱི་ང་ལུ་འཇབ་ཅོར་འབད་བར་འོང་གནང་པ་ཅིན་བཀྲིན་ཆེ་ནི་ཨིན་པས་ཟེར་ཞུ་ནི་ཨིན། སྤྱི་ཚེས་ ༢༩/༦/༢༠ ལུ་ཁྱོད་རུའི་བུ་ཕྱག་རྡོར་བསྟན་འཛིན་གྱི་
                                                                                                                
                                                                                                                ཕུལ།



Friday, June 5, 2020

རྗོད་སྒྲའི་སྦྱོང་ལཱ།

དབྱེ་བ།
རྗེས་འཇུག་མེད་རུང་ཡོདཔ་བཟུམ་ལྷག་དགོཔ།
སྔོན་འཇུག་ཡར་འདྲེན་འབད་དེ་ལྷག་དགོཔ།
མིང་མཐའ་མེད་རུང་ཡོདཔ་བཟུམ་ལྷག་དགོཔ།
དཔེ།
རྟ་མགོ
རྟ་མགྲིན།
ཕྱགན་མདའ།
སྐུ་མདུན་
རྒྱ་མཚོ་
ལྕགས་ཕྱེ་
རྟ་མགྲིན་
ལྔ་བཅུ་
ཕྱགན་མཇལ་
ཉོ་ཚོང་
ཁ་བཤད་
མཐའན་མཇུག་
ན་བཟའ་
སྐུ་མཆེད་
དཔལན་འབྱོར་
ཀོ་གདན་
རྒྱུ་མཚན་
བརྒྱདཔ་ཅུ་
ཁེ་སང་
ཁ་མཆུ
དཀར་ཕྱེ་
ཁ་ཟས་
ལྟོ་མཆོད་
ཕྱོསན་རྒྱུགས་
ས་བདག་
བཅོ་བརྒྱད་
རྗེསན་འཇུག་
མཁའན་འགྲོ་
དྲོ་མཛར།
དཔལན་འབྱོར་
༡༠
བློ་འདོད་
ལྔ་བརྒྱ་
མཁའན་འགྲོ་

Tuesday, May 26, 2020

སྐད་སྒྱཱར་གྱི་སྦྱང་བ།

Active Voice

Present simple
She eats an apple.
མོ་གིས ཨེ་པཱལ་ཟཝ་མས།

Present Continuous
She is eating an apple.
མོ་གིས་ ཨེ་པཱལ་ཟ་དེས།

Present Perfect
She has eaten an apple.་
མོ་གིས་ ཨེ་པཱལ་ཟ་ད་ནུག།

Past Simple
She ate an apple.
མོ་གིས་ཨེ་པཱལ་ཟ་ནུག།

Past Continuous
She was eating an apple.
མོ་ ཨེ་པཱལ་ཟ་བའི་བསྒང་འདུག།

Past Perfect
She had eaten an apple.
མོ་གིས ཨེ་པཱལ་ཟ་ཚར་ནུག།

Future Simple
She will eat an apple.
མོ་གིས་ ཨེ་པཱལ་ཟ་འོང་།

Future Perfect
She would have eaten an apple.
མོ་གིས་ ཨེ་པཱལ་ཟ་ད་འོང་།

ཞུ་ཡིག།

༊   མཁྱེན་བཙེའི་བདག་ཉིད་ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་མཆོག་གི་དྲུང་དུ།                                                             གུས་པས་   ...