༊ མཁྱེན་བཙེའི་བདག་ཉིད་ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་མཆོག་གི་དྲུང་དུ།
གུས་པས་ བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་ སློབ་ཕྲུག་ངོ་མིང་ཕྱག་རྡོར་བསྟན་འཛིན་གྱི་ཞུ་དོན་དེ་ནི། བུཚ་རང་ཕམ་མཉམ་ཆུང་ ཅིག་ཨིནམ་ལས་ དུས་ཨ་རྟག་ར་ ངའི་ཕམ་གཉིས་ ངའི་ཤེས་རིག་ཡོན་ཏོན་ལྷབ་ནིའི་ཟད་འགྲོ་མ་ལངས་པར་དཀའ་ངལ་འབྱུངམ་ལས་ དུས་ཅིག་སློབ་དུས་ངལ་གསོའི་སྐབས་ གནས་སྐབས་ཀྱི་ལཱ་གཅིག་འབད་ནིའི་མནོ་བསམ་ཡོདཔ་ལས་ བུཚ་རང་ལོག་སྟེ་དཔེ་ཆ་ལྷབ་བར་འགྱོ་བའི་སྐབས་ཟད་འགྲོ་ཕམ་གཉིས་ལས་མ་ལེན་པར་ བུཚ་རང་གི་འབད་ཟད་འགྲོ་ཅིག་ལངམ་ཅིག་འཐོབ་སྟེ་འགྱོ་ནིའི་མནོ་བསམ་ཡོདཔ་ལས་སྟོན ་ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་མཆོག་ལུ་སྐྱིད་སྡུག་གཅིག་ཞུ་བར་ཨིན་ཟེར་ཞུ་ནི་ཨིན། འདི་འབདཝ་ལས་དྲུང་ཆེན་མཆོག་གིས་ ང་ལུ་སློབ་དུས་ངལ་གསོ་སྐབས་ གནས་སྐབས་ཀྱི་ལཱ་གཡོག་གཅིག་ གནང་སྟེ་བཀྲིན་བསྐྱང་ཐབས་ཡོད་པར་ཞུ་བ་ མཁྱེན་མཁྱེན། ཞེས་རང་ལུགས་གནམ་ལོ་ ༢༠༢༠ དབྱིན་ཟླཝ་ ༧ པའི་ཚེས་ ༡༠ ལུ་གོང་མིང་པས་
གུས་བཅས་
ཕུལ།
No comments:
Post a Comment